audio
audioduration (s)
0.51
13
transcription_uni
stringlengths
6
264
transcription_wylie
stringlengths
6
313
ཁ་བཏགས་སྐེ་ནས་བཤོལ་ཏེ་ཨམ་ཕྲག་ཏུ་བཅུག
kha btags ske nas bshol te am phrag tu bcug_
ཤུལ་ལམ་དུ་གཏམ་ཚིག་གཅིག་ཀྱང་སྨྲ་བ་མེད་པར་བསྐྱོད།
shul lam du gtam tshig gcig kyang smra ba med par bskyod/_
ཉིན་གུང་མཚམས་ང་ས་གཏམ་འགོ་གླེང་སྟེ།
nyin gung mtshams nga sa gtam 'go gleng ste/_
པདྨ། ཁ་སྐོམ་གྱི་འདུག་གེ་ཞེས་དྲིས་པར། མི་འདུག་ཅེས། པད་མ། གྲོད་ཁོག་ལྟོགས་ཀྱི་འདུག་གེ། ཞེས་
pad+ma/_kha skom gyi 'dug ge zhes dris par/_mi 'dug ces/_pad ma/_grod khog ltogs kyi 'dug ge/_zhes _
དྲིས་པར། མི་འདུག་ཅེས། པད་མ་དྲེལ་ནས་བབ་འདོད་འདུག་གེ་ཞེས་དྲིས་པར། བབ་འདོད་མི་འདུག་ཅེས་
dris par/_mi 'dug ces/_pad ma drel nas bab 'dod 'dug ge zhes dris par/_bab 'dod mi 'dug ces _
ང་གཉིས་སླར་ཡང་ཕན་ཚུན་གླེང་བ་མེད་པར་བསྐྱོད་དེ། ལྗང་སྨད་དུ་ཞག་འདོད་བྱས།
nga gnyis slar yang phan tshun gleng ba med par bskyod de/_ljang smad du zhag 'dod byas/_
ལམ་དུ་མངོན་པ་ལྟར་ན་
lam du mngon pa ltar na _
སྲིན་ལག་སྦྲག་ཁང་དང་རྫ་ཪ་སྦྲག་ཁང་གཉིས་ཉམས་གསོ་ཟིན་འདུག་པས། པད་མས་དྲེལ་ཐོག་ཏུ་ཅང་མི་སྨྲ་ཡང་མིག་གཉིས་སྦྲག་ཁང་གི་ཕྱོགས་ནས་ལྟ་བར་ནོག་བསམ་གཅིག་འཁོར་མི་ཤེས།
srin lag sbrag khang dang rdza Ra sbrag khang gnyis nyams gso zin 'dug pas/_pad mas drel thog tu cang mi smra yang mig gnyis sbrag khang gi phyogs nas lta bar nog bsam gcig 'khor mi shes/_
པད་མ་ནི་རྫ་ར་ནས་ལ་ཕར་རྒྱབ་པས་ཡུལ་གང་དུའང་འགྲོ་མྱོང་མེད་པས། རི་ཆུ་གང་ཞིག་རིག་པ་དག་གིས་པད་མའི་ཡིད་དབང་འཕྲོག་པར་བྱེད།
pad ma ni rdza ra nas la phar rgyab pas yul gang du'ang 'gro myong med pas/_ri chu gang zhig rig pa dag gis pad ma'i yid dbang 'phrog par byed/_
ལོ་ཏོག་གཡུ་ཡི་གཞོང་པ་ལྟ་བུ་སྔོ་ཐིང་ངེར་གནས་ཤིང་། ཤང་ཤང་དལ་དུ་རྒྱུ་བའི་མྱང་ཆུ་ནི་སྔོ་ཞིང་དྭངས་ལ་དྲི་མ་མེད་པ་བདུད་རྩིའི་རྒྱུན་ལྟ་བུ་སྣང་བར།
lo tog g.yu yi gzhong pa lta bu sngo thing nger gnas shing /_shang shang dal du rgyu ba'i myang chu ni sngo zhing dwangs la dri ma med pa bdud rtsi'i rgyun lta bu snang bar/_
རོ་མྱང་པས་མྱང་ཆུ་རུ་གྲགས།
ro myang pas myang chu ru grags/_
རྒྱལ་རྩེར་ངའི་ཁྱིམ་དུ་ཉིན་གཅིག་འཕར་ཞག་ཏུ་འཁོད་པར་པད་མ་གྲོང་ཁྱེར་དུ་ལྟ་བར་ཁྲིད། ཡུལ་འདི་ནི་གནའ་བོའི་གྲོང་ཁྱེར་ཞིག་
rgyal rtser nga'i khyim du nyin gcig 'phar zhag tu 'khod par pad ma grong khyer du lta bar khrid/_yul 'di ni gna' bo'i grong khyer zhig _
ཡིན་པའི་ཁར་དེ་ན་གནའ་བོའི་ཕོ་བྲང་རྒྱལ་མཁར་རྩེ་རུ་གྲགས་པ་ཞིག་ཡོད་པ་ལས་ཡུལ་མིང་དུ་རྒྱལ་རྩེ་ཞེས་གྲགས།
yin pa'i khar de na gna' bo'i pho brang rgyal mkhar rtse ru grags pa zhig yod pa las yul ming du rgyal rtse zhes grags/_
དེ་ན་ཁྲོམ་གཞུང་གཅིག་ལས་མེད་པ་དེའང་ཚོང་ལས་དར་ཆུང་བས་ཉིན་གུང་ཙམ་ན་ཁྲོམ་ར་གྱེས་པའི་སྲོལ་ཆགས།
de na khrom gzhung gcig las med pa de'ang tshong las dar chung bas nyin gung tsam na khrom ra gyes pa'i srol chags/_
རྒྱལ་རྩེ་ནས་ཁང་དམར་བར་རི་ཤུར་ཁོ་ན་བརྒྱུད་དགོས་ཤིང་།ལམ་བར་གནས་རྙིང་དང་རྫ་འཕྲང་སོགས་སུ་ཤིང་འཁྲུག་དམག་གི་གྲུབ་རྗེས་མང་།
rgyal rtse nas khang dmar bar ri shur kho na brgyud dgos shing /lam bar gnas rnying dang rdza 'phrang sogs su shing 'khrug dmag gi grub rjes mang /_
གནས་རྙིང་དུ་ཀོང་པོ་བས་དབྱིན་དམག་གྲངས་ལས་འདས་པ་དཔའ་དམ་བཤམས་ནས་བསད་པས་ཀོང་པོ་བ་དེ་ཚོའི་ཡུལ་ཆས་སུ་རྒྱ་རའི་པགས་པའི་མགོ་ཤུབས་སུག་ལག་རང་འགྲིག་ཏུ་གོན་སྲོལ་དུ་མཆིས་སྟབས།
gnas rnying du kong po bas dbyin dmag grangs las 'das pa dpa' dam bshams nas bsad pas kong po ba de tsho'i yul chas su rgya ra'i pags pa'i mgo shubs sug lag rang 'grig tu gon srol du mchis stabs/_
དབྱིན་དམག་གིས་སྐྱེ་བོ་འདི་ཚོར་རྐང་ལག་བརྒྱད་འདུག་པས་ཁ་ཡ་མ་བྱེད་ཅིག་ཅེས་
dbyin dmag gis skye bo 'di tshor rkang lag brgyad 'dug pas kha ya ma byed cig ces _
ཡུལ་མིའི་བརྗོད་སྲོལ་དུ་ཆགས།
yul mi'i brjod srol du chags/_
གནས་བཤད་རྒྱབ་སྐབས་པད་མ་གད་མོ་ཤོར།དེ་ནི་པད་མ་ལྷ་ས་ནས་ཐོན་རྗེས་ཀྱི་བཞད་གད་ཐོག་མ་དེ་ཡིན།
gnas bshad rgyab skabs pad ma gad mo shor/de ni pad ma lha sa nas thon rjes kyi bzhad gad thog ma de yin/_
ཁང་དམར་ནས་ཉིན་གསུམ་རིང་ཀ་ལ་པགས་ཐང་དང་། གླང་པོ་ངུ་ཐང་།
khang dmar nas nyin gsum ring ka la pags thang dang /_glang po ngu thang /_
དགོ་རུ་དགོ་ཐང་།
dgo ru dgo thang /_
ཐང་སྤུན་གསུམ་བཅས་སུ་གྲགས་པའི་ཐང་ཆེན་རིམ་པ་བསྟར་ཆགས་ཐོག་བསྐྱོད་མཐར་ཕག་རིར་འབྱོར། ཐང་འདི་རྣམས་ཤིན་ཏུ་ཆེ་བར་མངོན་ཞིང་གླང་པོ་ངུ་ཐང་ཐོག་གླང་ཆེན་ཡང་ངུ་ཤོར་མྱོང་ཡོད་ཅེས་དང་
thang spun gsum bcas su grags pa'i thang chen rim pa bstar chags thog bskyod mthar phag rir 'byor/_thang 'di rnams shin tu che bar mngon zhing glang po ngu thang thog glang chen yang ngu shor myong yod ces dang _
དགོ་རུ་དགོ་ཐང་ཐོག་དགོ་བའང་ཆད་མྱོང་ཡོད་ཅེས་ཡུལ་ནས་གྲགས།
dgo ru dgo thang thog dgo ba'ang chad myong yod ces yul nas grags/_
ཐང་འདི་རྣམས་ཀྱི་ཕ་རོལ་དུ་གནོད་སྦྱིན་གངས་བཟང་གི་རི་རྒྱུད་སྟེང་དུ་ཆགས་པའི་སྣེ་མོར་ཕག་རི་ཇོ་མོ་བརྗིད་ཆགས་སུ་གནས།ཕག་རི་ཇོ་མོ་ནི་གནོད་སྦྱིན་གངས་བཟང་གི་ཆུང་མར་གྲགས་ཡོད།
thang 'di rnams kyi pha rol du gnod sbyin gangs bzang gi ri rgyud steng du chags pa'i sne mor phag ri jo mo brjid chags su gnas/phag ri jo mo ni gnod sbyin gangs bzang gi chung mar grags yod/_